圣八吉祥颂
༄༅། །འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ་བཞུགས་སོ། །
ལས་གང་ཞིག་རྩོམ་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །
做任何事之初,若诵一遍此颂,可顺利如意成办,因此应当切记。
ཨོཾ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །
嗡 囊哲南达让印伦哲波嗡 现有净性任运成
བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །
扎西秀吉样那尤巴耶十方吉祥刹土中
སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །
桑吉秋当给登帕波措佛法圣僧众前礼
ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །
根拉香擦达嘉扎西秀愿赐我等诸吉祥
སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །
准美嘉波匝丹敦哲贡灯王力坚念义成
བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །
现波坚华给扎华丹巴慈严吉祥善吉称
ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །
根拉贡巴嘉切扎巴坚垂念一切称吉祥
ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །
伦波达帕匝扎华当呢山王圣力吉祥称
སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །
森坚檀嘉拉贡扎波华垂念众生吉祥称
ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །
耶层匝巴匝Ra扎华得满愿妙力吉祥称
མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །
灿赞图贝扎西华佩瓦唯闻名号增吉祥
བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །
得瓦夏巴嘉拉香擦洛八大善逝尊前礼
འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །
蒋华云呢华丹多杰怎文殊具德金刚手
སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །
现瑞热旺衮波现波华观音怙主弥勒尊
ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །
萨耶酿波哲巴南巴色地藏王与除盖障
ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་། །
南葵酿波帕巧根德让虚空藏及圣普贤
ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །
额巴多杰巴嘎勒香当善持青莲与金刚
ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །
诺沃达瓦Ra哲涅玛耶白莲金树宝珠月
ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །
香灿拉南扎西华杰巧剑日标帜胜吉祥
བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །
香确森华嘉拉香擦洛八大菩萨尊前礼
རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །
仁钦德巧扎西色杰Nia殊胜宝伞祥金鱼
འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །
多炯温让耶翁嘎玛拉如意妙瓶悦意莲
སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །
年扎东当彭措华卫额悦音海螺吉祥结
མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །
么呢嘉灿旺杰括罗得不没胜幢法轮宝
རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །
仁钦达巧嘉杰香灿坚八宝瑞相标帜者
ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་སྐྱེད་མ། །
秀第嘉瓦秋江吉杰玛供时方佛令生喜
སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །
嘎索哦沃占贝华贝沃忆增吉祥嬉女等
བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །
扎西拉姆嘉拉香擦洛八吉祥女尊前礼
ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །
仓巴钦波得炯这美沃大梵自在无爱子
མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་། །
么东丹当嘉波耶括仲千目帝释及持国
འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །
帕吉波当勒旺么么让增长龙王广目天
རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །
南图这得拉贼括罗当多闻天王持天物
ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །
哲协拉当东通多杰坚轮三叉戟及短矛
པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །
波旺Ra哲秋定嘉灿怎金刚琵琶剑塔幢
ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །
萨森内色给拉扎西贝三域增上妙吉祥
འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །
杰定炯瓦嘉拉香擦洛八护世间神前礼
བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །
达嘉当德夏瓦宗巴拉愿我等今所行事
བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །
嘎当涅瓦才瓦根耶内息诸魔障及恼害
འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །
多敦华佩三敦耶印哲增德如意成所愿
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
扎西得拉彭森措巴秀吉祥善妙悉圆满
ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོར་མཐོང་། །གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་རྩོམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །
起时念彼成诸事,卧时诵此见善梦,战时诵此胜诸方,行事诵此遂心愿。
平时诵此福寿吉,善妙圆满如意成,净诸罪障成增上,决定胜义佛所言。
རབ་ཚེས་མེ་སྤྲེལ་༥ཟླ་ཚེ༣ས་གཟའ་ཉི་མ་དང་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ། །མངྒ་ལཾ།། །།
火猴年五月初三良辰,文殊欢喜金刚(麦彭仁波切)觉海中所出之珍贵宝珠璎珞。愿吉祥!
脚注
1 得:Dei,本书这个字都如此发音。
2 瑞:Rei,本书这个字都如此发音。
3 这:Zhei,本书这个字都如此发音。