狮面佛母修法
༄༅། །མཁའ་འགྲོའི་གཙོ་སྒྲུབ་ཟབ་ཏིག་བཞུགས༔
——空行主尊甚深精滴修法
རྒརྱརྦརྶ༔ བདུད་འདུལ་མཁའ་འགྲོའི་སྐུ་ལ་འདུད༔ གཙོ་མོའི་བདག་བསྐྱེད་ཟབ་ཏིག་ནི༔ དམར་མོ་བསྙེན་ཅིང་ནག་མོ་སྒྲུབ༔ རྶཱྃགླ ཟབ་པའི་མན་ངག་བཅས༔ ཤིན་ཏུ་ཡང་ཟབ་གསང་བའི་ཆོས༔ པདྨའི་སྙིང་ཁྲག་མཐར་ཐུག་ཡིན༔ ས་མ་ཡ༔
顶礼降魔空行身,尊母自生深滴法,依红色尊修黑尊,具有甚深之窍诀,极其精深秘密法,莲花究竟之心血。萨玛雅!
མཁའ་འགྲོ་སྒྲུབ་པའི་དམ་ཚིག་དང་༔ སེམས་བསྐྱེད་ཆེན་པོས་གཞི་བཟུང་ནས༔ ལྷ་སྔགས་གནད་ལ་མཁས་པ་ཡིས༔ ཐུན་བཞིར་ཉམས་ལེན་ནར་མ་བྱ༔
修持空行之誓言,以大发心为根本,精通本尊密咒要,当于四座常实修。
ཆོས་རྣམས་སྤྲོས་བྲལ་དེ་བཞིན་ཉིད༔
秋南珠抓得印涅 刹那圆满而观想
འགྲོ་ལ་ཁྱབ་པའི་སྙིང་རྗེའི་གཏེར༔
卓拉恰波酿吉得 诸法离戏真如性
དབྱེར་མེད་རིག་པ་ཧཱུྃ་དམར་པོ༔
耶美热巴吽玛波 周遍众生大悲藏
པད་ཉི་བམ་རོའི་གདན་ལ་བབས༔
巴涅万如丹拉瓦 无别觉性红色吽ཧཱུྃ
ཡོངས་གྱུར་སྐད་ཅིག་དྲན་རྫོགས་སུ༔
永杰嘎吉占作色 降至莲日尸垫上
རང་ཉིད་མཁའ་འགྲོ་བདུད་འདུལ་མ༔
让涅夸卓敦德玛 自观降魔空行母
དམར་མོ་སེང་གེའི་གདོང་པ་ཅན༔
玛莫桑给东巴坚 具狮子面身红色
ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ༔
雅吉香尼绰样敦 一面二臂怒威猛
སྤྱན་གསུམ་ཞལ་གདངས་མཆེ་བ་གཙིགས༔
现森雅当切瓦则 三目圆睁獠牙露
ཕྱག་གཡས་གྲི་གུག་གཡོན་ཐོད་ཁྲག༔
香益哲格云托叉 右手弯刀左血颅
ཐབས་ཀྱི་རང་བཞིན་ཁ་ཊྭཱཾ་བརྟེན༔
塔杰让印卡章定 依方便性卡章嘎
འཁོར་བ་ཟིལ་གནོན་བརྐྱང་བསྐུམ་འགྱིང་༔
括瓦热伦江根江 伸屈傲姿慑轮回
གླང་ཀོ་ཞིང་ལྤགས་སྟག་ཤམ་གསོལ༔
朗果样巴达现索 著人象衣虎皮裙
ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔
托甘阿益沃拉坚 头顶严饰五骷髅
ཐོད་རློན་ལྔ་བཅུའི་དོ་ཤལ་འཕྱངས༔
托伦阿吉多夏强 项挂五十鲜头鬘
དར་དང་རིན་ཆེན་རུས་པས་སྤྲས༔
达当仁钦瑞贝追 绫罗珍宝骨为饰
མེ་དཔུང་དམར་ནག་འབར་བའི་ཀློང་༔
美宏玛那巴沃隆 红黑炽燃火焰中
སྣང་ལ་རང་བཞིན་མེད་པར་གསལ༔
囊拉让印美巴萨 明观现而无自性
ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔
特嘎让这耶西森 心间如自智慧尊
རྒྱན་མེད་ཚོན་གང་གསལ་བ་ཡི༔
坚美村刚萨瓦耶 无饰一寸了分明
སྙིང་དབུས་ཉི་མའི་དཀྱིལ་འཁོར་དུ༔
酿卫涅美金括德 观其心间日轮上
བཾ་མཐར་སྔགས་ཕྲེང་རཱ་གའི་མདོག༔
万塔阿创Ra给多 万བཾ字周边红莲色
གཡོན་བསྐོར་ཚུལ་གྱིས་གནས་པར་མོས༔
云果策吉内巴木 咒串左旋围绕住
ཨོཾ་བཾ་སེང་ཧཱ་དྷཱ་ཀི་ནི་ཧཱུྃ་ཛ༔
嗡万桑哈达格呢吽匝
བརྒྱ་རྩ་བཟླ། མཆན། 诵一百遍
བརྟན་པ་ཐོབ་ནས་སྤྲོ་བསྡུ་བྱ༔ 已至稳固行射收:
སྔགས་ལས་འོད་འཕྲོས་རྒྱལ་བ་མཆོད༔
阿类哦楚嘉瓦秋 咒中放光供养佛
སེམས་ཅན་དོན་བྱས་འཁོར་འདས་ཀྱི༔
森坚敦旭括第杰 利益有情摄轮涅
དྭངས་བཅུད་ཐུགས་སྲོག་བཾ་ལ་ཐིམ༔
当杰特卓万拉腾 精髓融入命字万བཾ
བདེ་དྲོད་འབར་ཞིང་ཉམས་རྟོགས་རྒྱས༔
得卓巴样年多吉 暖乐融融觉悟增
སྐུ་ལུས་ཕྱི་ནང་འོད་ཀློང་ནས༔
格利协囊哦隆内 尊身内外光界中
འབུམ་ཕྲག་མཁའ་འགྲོས་སྔགས་སྒྲ་སྒྲོག༔
本叉夸珠阿扎卓 十万空行传咒声
ལས་དང་དངོས་གྲུབ་རྩོལ་མེད་འགྲུབ༔
类当悟哲作美哲 事业悉地无勤成
བདེ་སྟོང་རིག་རྩལ་རོལ་པའི་ངང་༔
得东热匝若波昂 乐空觉力游舞性
གོང་གི་སྔགས་ཉིད་བཟླ་བར་བྱ༔ གེཧཱཛྣཉཱསཱབསྡྷིདིཧཱུྃ༔
持诵前面的咒语:
(嗡万桑哈达格呢吽匝)
ཧཱུྃ༔ ཨེ་དབྱིངས་མཐའ་དབུས་མེད་པའི་ཞིང་༔
吽 诶样塔卫美波样 吽 空界无有中边刹
དུག་གསུམ་འཁྲུགས་པའི་དཀྱིལ་འཁོར་དུ༔
德森彻波金括德 三毒汹涌坛城中
ཁྲོ་མོ་ཁྲག་འཐུང་འཇིགས་གཟུགས་ཅན༔
绰莫叉通杰热坚 饮血怒母恐怖身
གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔
作括哲巴具巴南 主眷及诸幻化众
སྐུ་ནི་ཅིར་ཡང་འགྱུར་བ་སྟེ༔
格呢杰样杰瓦得 其身变化一切相
མཐིང་ནག་མི་བཟད་ཆར་སྤྲིན་འདྲ༔
唐那么Ra恰珍扎 深蓝可怖如乌云
ཁྲོ་གཏུམ་རྔམས་པའི་ཆ་ལུགས་ཅན༔
绰敦昂波恰勒坚 著怒威猛之装束
སྒྲོལ་བྱེད་ཁྲག་ཟོར་མཚོན་ཆ་ཐོགས༔
卓协叉若村恰托 执持能诛血镰刀
སྤྲུལ་པའི་ཁྲོ་མོ་ཆར་ལྟར་འབེབས༔
哲波绰莫恰达贝 化身怒母如雨降
ཡང་སྤྲུལ་མཚོན་ཆའི་ཐོག་སེར་འཕྲོ༔
样哲村齐托色绰 复迸化刃霹雳雹
ཧཱུྃ་ཕཊ་དྲག་སྔགས་འབྲུག་ལྟར་སྒྲོག༔
吽啪的扎阿哲达卓 吽啪的猛咒如雷震
སྒྲོལ་བྱེད་སྙིང་རྗེ་ཁྲོས་པའི་ཐུགས༔
卓协酿杰楚波特 能诛大悲嗔怒心
བཟླས་པས་ཐུགས་རྒྱུད་གནད་ནས་བསྐུལ༔
第贝特杰那内格 持诵祈祷动尊意
བདག་འཁོར་བགེགས་ལས་སྲུང་བ་དང་༔
达括嘎类仲瓦当 护我眷属离魔障
མི་མཐུན་བྱད་ཟོར་བཟློག་པ་དང་༔
么腾夏若多巴当 回遮逆缘诅咒力
སྡིག་ཅན་དགྲ་བགེགས་བསད་པའི་ལས༔
德坚扎嘎萨波类 诛杀作恶怨敌魔
དེ་ལ་སོགས་ཏེ་མངོན་སྤྱོད་ཀྱི༔
得拉索得温秀杰 祈愿此等降伏法
ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔
陈类托美哲巴作 一切诛业无碍成
ལྷ་རྣམས་ཐུགས་ཀར་ཉི་སྟེང་ཧཱུྃ་གི་མཐར༔
拉南特嘎涅当吽格塔 观尊心间日上吽ཧཱུྃ
དྲག་སྔགས་གཡོན་བསྐོར་མགལ་མེའི་འཁོར་ལོ་བཞིན༔
扎阿云果嘎美括罗印 猛咒左绕如火轮
དྲག་ཏུ་འཁོར་བའི་འོད་ཟེར་འཕྲོ་འདུ་ཡིས༔
扎德括沃哦瑞绰德益 猛烈旋转射收光
ཕྱོགས་དུས་ཁྲོ་བོ་ཁྲོ་མོའི་མཐུ་བྱིན་བསྡུས༔
秀第绰沃绰姆特辛第 汇诸怒尊加持力
འཇིག་རྟེན་དྲེགས་པ་ཐམས་ཅད་ལས་ལ་བསྐུལ༔
杰定扎巴檀嘉类拉格 敦促世神皆行事
གནོད་བྱེད་དགྲ་བགེགས་ཐམས་ཅད་ཚར་བཅད་དེ༔
诺协扎嘎檀嘉擦嘉得 降伏作害诸怨魔
དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ༔
扎布陈类伦吉哲巴三 威猛事业任运成
ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊཿ
阿嘎萨玛Ra匝夏达Ra萨玛Ra雅啪的
བརྒྱ་རྩ་བཟླ། མཆན། 诵一百遍
སྲུང་བཟློག་ལས་རིམ་ནི༔ 守护、回遮事业次第:
ཧཱུྃ༔ གཙོ་མོའི་ཙིཏྟ་ཡེ་ཤེས་རིན་པོ་ཆེ༔
吽 作姆则达耶西仁波切 吽 观主尊母心智宝
རྡོ་རྗེ་ཕ་ལམ་ལས་གྲུབ་མཆོད་རྟེན་ནི༔
多杰帕兰类哲秋定呢 金刚钻石所成塔
སེང་ཁྲི་བང་རིམ་བཞི་ལྡན་བུམ་པ་བྲེ༔
桑彻旺仁耶丹温巴追 四层狮座宝瓶颈
ཆོས་འཁོར་བཅུ་གསུམ་ཉི་ཟླ་ནོར་བུའི་ཏོག༔
秋括杰森涅达诺卫多 十三法轮日月顶
མཚན་ཉིད་ཡོན་ཏན་ཡོངས་རྫོགས་བུམ་ནང་དུ༔
灿涅云丹永作温囊德 圆满德相宝瓶中
ཡེ་ཤེས་ལྔ་ལྡན་མེ་ཡི་ར་གུར་ནང་༔
耶西阿丹美耶Ra格囊 具五智火帷幕内
གནམ་ལྕགས་རྡོ་རྗེ་རྩེ་དགུའི་སྲུང་གུར་བསྒོམ༔
南嘉多杰贼给仲格贡 九股天铁杵护帷
དེ་དབུས་གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔
得卫色杰多杰贼阿波 彼中五股金金刚
གུར་ཁང་དབུས་སུ་པདྨ་ཉི་གདན་ལ༔
格康卫色巴玛涅丹拉 虹宫中央莲日垫
ཡེ་ཤེས་སེམས་དཔའ་སེང་གདོང་དམར་མོ་ནི༔
耶西森华桑东玛莫呢 智尊红色狮面母
ཁྲོ་འཛུམ་ཉམས་ལྡན་རྡོ་རྗེའི་གོ་ཁྲབ་གསོལ༔
绰怎年丹多吉果叉索 披金刚甲怒含笑
གོ་ཆའི་ངོ་བོ་སངས་རྒྱས་སྟོང་རྩ་གཉིས༔
果齐哦沃桑吉东匝尼 铠体一千零二佛
བྱང་སེམས་ཉན་རང་དགྲ་བཅོམ་སྲས་འཁོར་གཏམས༔
香森年让扎炯这括丹 遍大小乘圣者眷
ཁྲོ་བོའི་ངོ་བོ་གསེར་གྱི་རྡོ་རྗེ་གཡས༔
绰悟哦沃色杰多杰益 右持怒尊体金杵
ཁྲོ་མོའི་ངོ་བོ་ཐོད་པ་ཁྲག་བཀང་གཡོན༔
绰姆哦沃托巴叉刚云 左怒母性盈血颅
བླ་མ་ཀུན་འདུས་སེང་གེ་སྒྲ་སྒྲོག་རྩལ༔
喇嘛根第桑给扎卓匝 上师总集狮吼力
བདེ་བའི་རང་བཞིན་ཁ་ཊྭཱཾ་མཆན་གཡོན་འཆང་༔
得沃让印卡章谦云强 乐性卡章倚左腋
ཡེ་ཤེས་འོད་ཀློང་བརྐྱང་བསྐུམ་གར་གྱིས་བཞེངས༔
耶西哦隆江根嘎吉样 伸屈舞立智光界
དེ་ཡི་ཐུགས་དབུས་ཉི་སྟེང་ཧཱུྃ་དམར་ནང་༔
得耶特卫涅当吽玛囊 心间日上红吽ཧཱུྃ内
བདག་དང་བསྲུང་བྱ་མི་ནོར་འཁོར་བཅས་ཚུད༔
达当仲夏么诺括具策 自所护人畜眷入
ཧཱུྃ་མཐར་སྲུང་སྔགས་རྒྱལ་པོ་འབྲུ་བཅུ་བཞི༔
吽塔仲阿嘉波哲杰耶 周围十四护咒王
གཡས་བསྐོར་ཚུལ་དུ་མགལ་མེའི་འཁོར་ལོ་ལྟར༔
益果策德嘎美括罗达 如旋火轮右绕吽
གསལ་ཞིང་བཟླས་པས་ཅིས་ཀྱང་མི་ཚུགས་བསམ༔
萨样第贝吉江么策三 明观持诵无所害
ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊཿ
阿嘎萨玛Ra匝夏达Ra萨玛Ra雅啪的
བརྒྱ་རྩ་བཟླ། མཆན། 诵一百遍
དེ་ནས་བཟློག་པའི་རིམ་པ་འདི་ལྟར་བྱ༔ 回遮事业次第:
ཧཱུྃ༔ དྲག་མོ་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་གྱི༔
吽 扎莫作括哲巴样哲杰 吽 怒母主眷化复化
དམག་དཔུང་མཚོན་ཆ་ཐོགས་པ་ཕྱོགས་བཅུར་འཕྲོས༔
玛宏村恰托巴秀杰楚 持刃军队迸十方
བྱད་ཕུར་ལ་སོགས་འགལ་རྐྱེན་ཕྱིར་བཟློག་ཅིང་༔
夏颇拉索嘎晋协多江 回遮咒橛等违缘
ཕ་རོལ་གནོད་བྱེད་རང་གཤེད་འབེབས་པར་གྱུར༔
帕若诺协让协贝巴杰 作害他方自遭殃
ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊཿ
阿嘎萨玛Ra匝夏达Ra萨玛Ra雅啪的
བརྒྱ་རྩ་བཟླ། མཆན། 诵一百遍
ལས་རབ་གླིང་པའི་གཏེར་མའོ། །
以上是伏藏大师列绕朗巴伏藏品
༈ དཀོན་མཆོག་གསུམ་གྱི་བདེན་པ་དང་མཁའ་འགྲོ་མ་སེང་གེའི་
衮巧森杰定巴当 夸卓玛 桑给
གདོང་པ་ཅན་ཁྱོད་ཀྱི་རིགས་སྔགས་བཟླས་པའི་མཐུ་དང་ནུས་པ་ལ་
东巴坚 秋杰热阿第波特当尼巴拉
བརྟེན་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ།
定内 达嘉魂洛括当具巴南拉
སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། བར་དུ་གཅོད་
当瓦协波扎 诺巴协波嘎 瓦德久
པའི་རྐྱེན། མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་
波晋 多那扎么西波秀瑞安巴檀嘉
ཕྱིར་བཟློག་པར་གྱུར་ཅིག
协多巴杰吉
祈愿依三宝谛实力与持诵狮面空行母汝明咒之威德力,于我等师徒眷众怀恨之敌、作害之魔、阻挠之缘,总之一切不祥凶恶逆缘悉皆回遮!
ལན་གསུམ། མཆན། 诵三遍
ཁྲོ་མོ་འབར་བའི་ཚོགས་རྣམས་ཀྱིས། །
绰莫巴沃措南吉 威猛怒母众
དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །
扎嘎夏玛檀嘉杰 令诸咒怨魔
ལུས་ངག་ཐལ་བའི་རྡུལ་དུ་རློགས། །
利阿塔沃德德洛 身语粉成灰
རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །
南西秋杰样色卓 识度于法界
ཁྱོད་ཀྱི་རིག་སྔགས་བཟླས་པའི་མཐུས། །
秋杰热阿第波提 诵汝明咒力
གནོད་བྱེད་མ་ལུས་ཞི་བ་དང་། །
诺协玛利耶瓦当 敌害无余息
ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །
杰三耶印哲巴当 所愿如意成
བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །
夏哲丹巴吉巴作 讲修佛法兴
ཀརྨ་པ་མི་བསྐྱོད་རྡོ་རྗེས་སོ། །དགེ་ལེགས་འཕེལ།། །།
噶玛巴不动金刚造。愿增善妙!