纽约佛学会

供灯愿文

༄༅། །མར་མེའི་སྨོན་ལམ།

ཨཱོཾ་ཨཱཿ ཧཱུྃཿ མར་མེའི་སྣོད་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་ཁོར་ཡུག་དང་མཉམ་པར་གྱུར་ཅིག

嗡啊吽 玛美诺呢 东森杰 东钦波 杰定杰 堪杰括耶当 年巴杰吉

嗡啊吽 愿灯器等同三千大千世界

མར་མེའི་སྡོང་བུ་ནི་རི་ཡི་རྒྱལ་པོ་རི་རབ་ཙམ་དུ་གྱུར་ཅིག

玛美东沃呢 热耶嘉波热Ra 赞德杰吉

愿灯芯巨如须弥山王

མར་ཁུ་ནི་མཐའི་རྒྱ་མཚོ་ཙམ་དུ་གྱུར་ཅིག

玛克呢 提嘉措 赞德杰吉

愿油汁多如周边大海

གྲངས་ནི་སངས་རྒྱས་རེ་རེའི་མདུན་དུ་དུང་ཕྱུར་རེ་རེ་གསལ་བར་གྱུར་ཅིག

章呢 桑吉瑞瑞登德 东雪瑞瑞 萨瓦杰吉

愿灯数于一一佛前各亮一亿

འོད་ཀྱིས་ནི་སྲིད་པའི་རྩེ་མོ་མན་ཆད་དང་མནར་མེད་པའི་དམྱལ་ཁམས་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་མ་རིག་པའི་མུན་པ་བསལ་ནས་

哦吉呢 哲波贼莫曼恰当那美波Nia堪严恰杰 森坚檀嘉杰 玛热波门巴萨内

愿灯光驱除有顶直至无间地狱一切有情之无明黑暗

ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཞིང་ཁམས་མངོན་སུམ་དུ་མཐོང་ཞིང་གསལ་བར་གྱུར་ཅིག

秀吉桑吉当 香确森华檀嘉杰 样堪温森德 通样萨瓦杰吉

而照亮并现见十方诸佛菩萨刹土

ཨོཾ་བཛྲ་དྷརྨ་ཨཱ་ལོ་ཀེ་ཨ་ཧཱུྃ༔

嗡班匝儿达儿玛阿洛给啊吽

ཨེ་མ་ཧོ།

诶玛吙 诶玛吙

ངོ་མཚར་རྨད་བྱུང་སྣང་གསལ་སྒྲོན་མེ་འདི། །

哦擦玛雄囊萨准美德 稀奇稀有光明灯

བསྐལ་བཟང་སངས་རྒྱས་སྟོང་རྩ་ལ་སོགས་པའི། །

嘎让桑吉东匝拉索波 贤劫千尊佛陀等

རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པའི། །

Ra坚秀吉样堪玛利波 十方浩瀚无余刹

བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང༌། །

喇嘛耶丹夸卓秋炯当 师尊空行及护法

དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་བར་བགྱི། །

金括拉措南拉波瓦杰 坛城尊众前供养

ཕ་མའི་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི། །

帕美作旭森坚檀嘉杰 父母为主诸有情

ཚེ་རབས་འདི་དང་སྐྱེ་གནས་ཐམས་ཅད་དུ། །

才Ra德当杰内檀嘉德 愿今生及世世中

རྫོགས་སངས་རྒྱས་པའི་ཞིང་ཁམས་མངོན་མཐོང་ནས། །

作桑吉波样堪温通内 亲睹圆满佛净土

འོད་དཔག་མེད་མགོན་ཉིད་དང་དབྱེར་མེད་ཤོག །

哦华美衮涅当耶美秀 与怙无量光无别

དཀོན་མཆོག་གསུམ་དང་རྩ་གསུམ་ལྷ་ཚོགས་ཀྱིས། །

衮巧森当匝森拉措吉 祈祷三宝三根本

བདེན་པའི་མཐུ་ཡིས་སྨོན་ལམ་ཅི་བཏབ་དེ། །

定波特益门兰杰达得 尊众谛实之威力

མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །

涅德哲巴辛吉拉德索 加持发愿速成就

ཏདྱཐཱ། པཉྩནྡྲི་ཡ་ཨ་ཝ་བོ་དྷ་ནི་སྭཱ་ཧཱ།

达雅塔 班赞哲雅阿瓦波达呢索哈

ཇོ་བོ་རྗེས་མཛད་པའི་མར་མེའི་སྨོན་ལམ་རྫོགས་སོ། །ཇོ་བོ་རྗེས་དབུས་གཙང་གི་མཆོད་ཁང་རྣམས་སུ་མར་མེ་ཕུལ་སྐབས་དཔོན་སློབ་བཅོ་བརྒྱད་ཀྱིས་མགྲིན་གཅིག་ཏུ་གསུངས་སོ། །མངྒལཾ།། །།

阿底峡尊者所造供灯愿文终。阿底峡尊者于卫藏诸供殿供灯时,师徒十八人异口同声宣说。愿吉祥!

རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ། །

嘉瓦嘉促措南拉 于诸如来海

མར་མེ་རྒྱ་མཚོ་བསམ་ཡས་འབུལ། །

玛美嘉措三益波 供无数灯海

སེམས་ཅན་རྒྱ་མཚོ་སངས་རྒྱས་ནས། །

森坚嘉措桑吉内 众生海成佛

འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག །

括沃嘉措根巴秀 轮回海干涸

ཆོས་དབྱིངས་རང་གྲོལ་ནས་སོ། ། 秋扬让珠造。