纽约佛学会

德珠法类·作明佛母修法传承祈祷文

法王晋美彭措·取伏藏

索达吉堪布·翻译

༄༅།།བདེ་སྟོང་དབྱེར་མེད་དོན་གྱི་འོག་མིན་ནས། །

得东耶美敦杰奥门内 空乐无别义密严,

ཆོས་སྐུ་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །

秋格根德让波所瓦得 祈祷法身普贤王,

ཁྲེགས་ཆོད་ཐོད་རྒལ་མན་ངག་ཉེ་ལམ་གྱིས། །

彻窍托嘎曼锕涅蓝基 加持直断顿超诀,

སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །

囊耶塔热辛巴辛基洛 近道四相至究竟。

རང་སྣང་བརྡལ་ཁྱབ་རྟགས་ཀྱི་འོག་མིན་ནས། །

让囊达恰达杰奥门内 自现周遍相密严,

ལོངས་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །

隆格多杰强拉所瓦得 祈祷报身金刚持,

ཐབས་གྲོལ་བདེ་བ་ཆེན་པོའི་གསང་ལམ་གྱིས། །

塔卓得瓦钦布桑蓝基 方便解脱大乐道,

ཁ་སྦྱོར་བདུན་ལྡན་མངོན་དུ་འགྱུར་བར་ཤོག །

卡哟登丹温德杰瓦效 现前具七双合果。

ཏི་སྒྲོ་མཁའ་འགྲོ་འདུ་བའི་ཚོགས་ཁང་ནས། །

德卓宽卓德沃措亢内 德珠空行会众宫,

སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེར་གསོལ་བ་འདེབས། །

哲格措基多杰所瓦得 祈祷化身莲花生,

བསྐྱེད་རིམ་གསལ་དག་བརྟན་པའི་ཏིང་འཛིན་གྱིས། །

洁仁萨达丹波当怎基 生次明净坚稳定,

སྣང་བ་ལྷ་རུ་སྨིན་པར་བྱིན་གྱིས་རློབས། །

囊瓦拉热门巴辛基洛 加持显现成熟尊。

མ་ངེས་གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས། །

玛诶内耶德绰样康内 不定处境尸林刹,

ཌཱཀྐི་རིག་བྱེད་དབང་མོར་གསོལ་བ་འདེབས། །

札格热学旺摩所瓦得 祈祷空行作明母,

ཐབས་ཤེས་ཨུཏྤལ་མདའ་གཞུའི་འཕྲུལ་འཁོར་གྱིས། །

塔希额巴大伊彻括基 智悲青莲弓箭幻,

སྣང་སེམས་དབང་དུ་འདུ་བར་བྱིན་གྱིས་རློབས། །

囊森旺德德瓦辛基洛 加持境心自在摄。

གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས། །

桑钦奥格卓沃问绰内 大密虹身解脱处,

རིག་འཛིན་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །

仁增宽珠措拉所瓦得 祈祷持明空行众,

ཐོས་བསམ་བསྒོམ་པས་རང་གི་རྒྱུད་གྲོལ་ནས། །

图三贡贝让格杰卓内 以闻思修解自心,

འཆད་རྩོད་རྩོམ་པས་གཞན་དོན་འགྲུབ་པར་མཛོད། །

恰作纵贝沿敦哲巴作 以讲辩著利他众。

དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །

得达所瓦达波辛拉基 愿依祈祷之加持,

སྔགས་སྐྱེས་ཌཱཀྐིའི་རྟེན་འབྲེལ་ལ་བརྟེན་ཏེ། །

锕基札给定这拉定得 咒生空行之缘起,

ཞིང་སྐྱེས་ཌཱཀྐིའི་འདུ་བ་མངོན་སུམ་མཐོང་། །

样基札给德瓦温森通 现见刹生空行众,

ལྷན་སྐྱེས་ཌཱཀྐིའི་དེ་ཉིད་མངོན་འགྱུར་ཤོག །

篮基札给得涅温杰效 现前俱生空行性。

ཅེས་པ་འདི་ཉིད་སྲོད་ཐུན་གྱི་མཐའ་ལ་ཡིད་ངོར་ཤར་བ་ཉེ་འཁོར་ན་གནས་པའི་སྤྲུལ་བའི་སྐུ་མཆོག་ཨུ་པོ་ལ་བརྡའ་སྦྱར་ཏེ་ཡི་གེ་པ་བྱེད་དུ་བཅུག་ནས་ངག་དབང་བློ་གྲོས་མཚུངས་མེད་པས་སྨྲས་པ་མངྒ་ལཾ།རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ཟླ་བ་བཅུ་པའི་ཚེས་ཉེར་དགུ་ལའོ། །

此文,于黄昏之际,心中显现,于是让身边的俄布活佛立成文字,阿旺罗珠聪美述。愿增吉祥!第十七胜生周水猴年十月二十九。

༄༅།། རིག་བྱེད་དབང་མོའི་སྒྲུབ་ཐབས།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。