纽约佛学会

妙音天女之修法

——赐语智吉祥

法王晋美彭措·造

索达吉堪布·译

谴世住世唯一事业十万殊妙功德之宝藏,

悦音绢索紧拥有寂边际妙语纤指之功用,

伪竞赐予总持辩才驱逐不明犹豫邪蔓延,

持有尽所俊俏福德无尘伪装有尘妙音女。

洁白容颜露出睨视利刃能勾入灭之禅定,

蹲坐双足游戏莲月姿态百般牵动润者心,

清晰明观汝以心咒祈请恩赐一切善妙德。

(上文诵一遍,之后随力念一字咒“舍”。)

所云舍一字,持诵八十万,启十万智藏,智者动心语,喉中自流露,胜共诸悉地,轻易速获得。

此文是为满晋美彭措活佛与空行达赖拉姆二人心愿,阿旺罗珠宗美于圣地五台山静处撰著,愿增善妙!

༄༅།། སྲིད་ལ་འཕྱ་དང་སྲིད་པར་ཆགས་པའི་བྱེད་པ་གཅིག་གྱུར་ཕུར་བྱུང་ཡོན་ཏན་འབུམ་ཕྲག་གཏེར། །སྙན་འཇེབས་ཞགས་པས་སྲིད་ཞིའི་མུ་མཐའ་དམ་པོར་འཁྱུད་མཛད་ངག་དང་སོར་མོའི་བྱེད་པ་གང་། །འགྲན་པའི་ཟོལ་འཆང་གཟུངས་སྤོབས་དཔལ་སྟེར་མི་གསལ་རྩེ་གཉིས་ལོག་འབྱམས་གཡོ་བ་རྒྱང་དུ་སྐྲོད། །ཇི་སྙེད་མཛེས་སྡུག་ཡོངས་ཀྱི་དཔལ་འཆང་རྡུལ་མེད་རྡུལ་ལྟར་རྫུ་བག་ངོམ་པ་དབྱངས་ཅན་མ། །རབ་དཀར་ཞལ་གྱི་དཀྱིལ་འཁོར་ལས་འོངས་ཟུར་མིག་མཚོན་ཆས་འགོག་ཞུགས་ཏིང་འཛིན་སློང་བར་བྱེད། །ཙོག་པུའི་ཞབས་གཉིས་པད་ཟླར་རོལ་པས་རླན་ལྡན་སེམས་ལ་བརྒྱ་ཕྲག་ངལ་བ་ཁུར་དུ་གྱུར། །གང་ཁྱོད་གསལ་བའི་རྒྱན་དུ་བཀོད་དེ་སྙིང་པོས་བསྐུལ་ལོ་དགེ་ལེགས་དཔལ་རྣམས་དེང་སྩོལ་ཅིག །ཧྲཱིཾཿཞེས་ཡི་གེ་འབྲུ་གཅིག་པོ། །འབུམ་ཕྲག་བརྒྱད་དུ་བཟླས་པ་ཡིས། །བློ་གཏེར་འབུམ་གྱི་སྒོ་འབྱེད་ཅིང་། །མཁས་རྣམས་ཡིད་འཕྲོག་སྙན་པོའི་ངག །ཅི་དགར་མགྲིན་པའི་མཚོ་ལས་རྡོལ། །གཞན་ཡང་མཆོག་དང་ཐུན་མོང་གི།དངོས་གྲུབ་མཐའ་དག་བདེ་མྱུར་འཐོབ། །ཅེས་སྤྲུལ་པའི་སྐུ་མཆོག་འཇིགས་མེད་ཕུན་ཚོགས་དང་མཁའ་འགྲོ་ཏཱ་རེ་ལྷ་མོ་ཟུང་གི་ཐུགས་བཞེད་བསྐང་ཕྱིར་གནས་མཆོག་རི་བོ་རྩེ་ལྔའི་ཡང་དབེན་དུ་ངག་དབང་བློ་གྲོས་མཚུངས་མེད་པས་བཀོད་པ་དགེ་ལེགས་འཕེལ་བར་གྱུར་ཅིག །

༄༅།།སེམས་མི་སྐྱིད་པ་སེམས་སྐྱིད་པའི་སྨོན་ལམ་ནི།།

记笔记

这段是(可多选,也可不选)

这段有错

你选中的(位置已自动记录)

哪里不对?(可多选)

称呼与邮箱都可以不填。只用于就这一条联系你,不做他用、不进任何名单,别人看不到你提的内容。