བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ན།། ལས་དང་འབྲས་བུ་བརྟེན་པ་གང་།། ངོ་མཚར་བས་ཀྱང་འདི་ངོ་མཚར།། རྨད་བྱུང་བས་ཀྱང་འདི་རྨད་བྱུང་།། 《菩提心释》中说: 知此诸法空,依于业与果, 稀有更稀有,稀奇更稀奇。 你懂这句话的深层意思吗?

上师在微信与微博上的文字 · 按时间倒序
བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ན།། ལས་དང་འབྲས་བུ་བརྟེན་པ་གང་།། ངོ་མཚར་བས་ཀྱང་འདི་ངོ་མཚར།། རྨད་བྱུང་བས་ཀྱང་འདི་རྨད་བྱུང་།། 《菩提心释》中说: 知此诸法空,依于业与果, 稀有更稀有,稀奇更稀奇。 你懂这句话的深层意思吗?

དངོས་པོར་སྐྱེས་པ་མཁའི་ལྟར་རང་བཞིན་ན།། དངོས་པོ་རྣམ་སྤངས་ཕྱི་ནས་ཅི་ཞིག་སྐྱེ།། གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ།། དེ་རིང་དཔལ་ལྡན་བླ་མས་བསྟན་པས་རྟོགས།། 萨绕哈尊者说: 生法如虚空,舍此何所生, 本初即无生,今依师示悟。 (诸法的体性犹如虚空,并非实有存在,若把诸法统统舍弃,而另求一个真如,不可能生起真正的智慧。诸法本来就是无生法身大乐的自性。今天,由具德上师的开示,我就像那样证悟了。)

ལོ་སར་བཟང་། 索达吉藏文化的微博视频
དྲན་ངོགས་ལས། སེམས་འདུལ་བ་ནི་མཁས་པ་སྟེ།། སེམས་འདུལ་བ་ནི་བདེ་བའི་མཆོག། 回忆录说: 调心是智者,调心最安乐 。

སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ།། གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ།། འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི།། ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ།། 心唯一切种,彼现轮涅法, 能赐所欲果,顶礼如意心。

ལོ་སར་བཀྲ་ཤིས་བདེ་ལེགས། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།། དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།། འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས།། བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།
新年吉祥! 十方三世诸佛智慧身, 具德圆满正觉莲花生, 至诚祈祷文殊如意宝, 赐予加持如愿呈吉祥。 (此为法王晋美彭措在新年等重要时刻常诵之偈)

གོས་རྒྱན་རིག་གནས་འཚོལ་བསྡུའི་བརྡ་སྦྱོར། བོད་ཀྱི་གོས་རྒྱན་རིག་གནས་ལ་སྲུང་སྐྱོབ་དང་ཞིབ་འཇུག རྒྱུད་འཛིན་བྱེད་པའི་ཆེད་དུ། བདག་གིས་བོད་ཀྱི་གོས་དང་རྒྱན་ཆའི་སྐོར་གྱི་འདྲ་པར་དང་དངོས་པོ། འབྲེལ་ཡོད་ངོ་སྤྲོད་སོགས་རྒྱུ་ཆ་འཚོལ་སྡུད་དང་ཚགས་སྒྲིག་བྱ་རྩིས་ཡོད་པས། དམངས་སྲོལ་རིག་གནས་དང་གོས་རྒྱན་རིག་གནས་ལ་གཞོལ་བའི་ཆེད་མཁས་དང་མོས་པ་ཅན་རྣམས་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་ཡོད་པར་ཞུ། འདྲ་པར་དང་དངོས་པོ། ངོ་སྤྲོད་ཡི་གེ་བཅས་ཀྱི་ནང་དུ། གོས་རྒྱན་གྱི་མིང་དང་༼འབོད་སྟངས་གཞན་དག་ཀྱང་འབྲི་ཆོག༽འབྱུང་ཁུངས། བྱེད་ནུས། ཁྱད་ཆོས། རྒྱབ་ལྗོངས་ཀྱི་རིག་གནས་༼འབྲེལ་ཡོད་ངག་རྒྱུན་དང་གཏམ་དཔེ། དམངས་གླུ་སོགས།༽བཅས་ཚང་བར་བསྐུར་བ་དང་། ངོ་སྤྲོད་ཡིག་འབྲུ་༥༠༠ལས་མི་མང་ཞིང་༼བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་གང་ཡིན་ཡང་རུང་༽འདྲ་པར་གྱི་དྭངས་ཚད་མཐོན་པོ་ཡིན་དགོས། གལ་ཏེ་མཁོ་འདོན་བྱས་པའི་རྒྱུ་ཆ་དེ་དག་བེད་སྤྱོད་ཡོང་ན་ལྟོས་བཅས་ཀྱིས་སྐྱེས་ལན་བསློག་ངེས་ཡིན། སྦྲག་སྒམ། zangfushiwenhua@163.com ཐུགས་རྗེ་ཆེ། བསོད་དར་རྒྱས་ནས། ཕྱི་ལོ་༢༠༢༣ལོའི་ཟླ་༨པའི་ཚེས་༢༦་ལ། 为了保护、研究、传承藏族服饰文化,我想收集、整理与藏族服装和饰品相关的图片、实物、文字素材资料,希望得到致于民俗文化、服饰文化的专家学者、爱好者的关注和支持。 图片、实物、文字内容包含服饰名称(俗名别名均可)、来源、功能、特点、背景文化(相关故事、谚语、民歌等),500字以内(藏汉英均可),图片清晰。提供的资料如果能用上,我们也会给予相应回馈。 资料邮箱:zangfushiwenhua@163.com 诚心致谢! 索达吉 2023年8月26日

今天是冬至,可以念念这个

དཔའ་ནམ་མཁའ་ཆེ་ལས། ནམ་མཁའི་རྟོག་པ་སྐྱེ་མེད་ཅིང་།། རྟོག་མེད་དེ་ཉིད་ནམ་མཁའ་འདྲ།། མི་ཆགས་ནམ་མཁའི་བསྔོ་བ་ལས།། རང་དོན་ཆེན་པོ་ནམ་མཁའ་འབྱུང་།། 《金刚萨埵大虚空续》: 虚空分别无有生 彼分别念如虚空 不著虚空之回向 生大自利之虚空

སྐྱོན་དང་ཡོན་ཏན་གཉིས་པོ་མ་སྐྱེས་ཕྱིར།། རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་།། མ་བཀག་རང་བྱུང་མ་འབྲང་རང་ཞི་སྟེ།། མ་བཅོས་མ་བྱས་རང་གིས་ངང་གིས་གསལ།། 过失功德无生故, 生起任何分别相, 不遮不随自然灭, 无改无作自然明。

གང་གི་རང་བཞིན་ཆགས་སྡང་རྣམ་བྲལ་ཡང་།། ཆགས་སེམས་ཅན་ལ་ཆགས་པ་ལྟར་སྟོན་དང་།། གདུལ་བྱའི་དབང་གིས་ཁྲོ་ལ་ཁྲོར་སྟོན་པ།། བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ།། 其自性虽离贪嗔, 贪心者前示似贪, 因所化嗔示嗔恨, 顶礼住大菩提彼。

རབ་བྱེད་ཞེ་གཉིས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་རྣམས་ལ་ཆེས་དཀའ་བ་ཉི་ཤུ་ཡོད་དེ། དབུལ་པོས་སྦྱིན་པ་གཏོང་བ་ནི་ཆེས་དཀའོ།། ཕྱུག་པོས་ལམ་ཉམས་སུ་ལེན་པ་ནི་ཆེས་དཀའོ།། སྲོག་དོར་ནས་འཆི་བར་བྱེད་པ་ནི་ཆེས་དཀའོ།། སངས་རྒྱས་ཀྱི་མདོ་སྡེ་མཐོང་བ་ནི་ཆེས་དཀའོ།། སངས་རྒྱས་འབྱུང་བ་དང་འཕྲད་པ་ནི་ཆེས་དཀའོ།། མཛེས་པའི་གཟུགས་དང་འདོད་ཡོན་ལ་མི་ཆགས་པ་ནི་ཆེས་དཀའོ།། ཡིད་དུ་འོང་བ་མཐོང་ནས་དོན་དུ་མི་གཉེར་བ་ནི་ཆེས་དཀའོ།། གཞན་གྱིས་བརྙས་པ་ལ་ཞེ་སྡང་མི་སྐྱེ་བ་ནི་ཆེས་དཀའོ།། དབང་ཐང་ཆེ་ལ་རང་མཐོང་མི་ཆེ་བ་ནི་ཆེས་དཀའོ།། བྱ་བ་དང་འཕྲད་དུས་སེམས་མི་གཡོ་བ་ནི་ཆེས་དཀའོ།། མཐོང་རྒྱ་ཆེ་ཡང་གཏིང་ཟབ་མོར་དཔོག་པ་ནི་ཆེས་དཀའོ།། རང་ལྟ་དང་ང་རྒྱལ་གཞོམ་ཐུབ་པ་ནི་ཆེས་དཀའོ།། གསར་བུ་དག་ལ་བརྙས་བཅོས་མི་བྱེད་པ་ནི་ཆེས་དཀའོ།། སེམས་དང་སྤྱོད་པ་འདྲ་མཉམ་འོང་བ་ནི་ཆེས་དཀའོ།། གཞན་གྱི་སྐྱོན་མི་བརྗོད་པ་ནི་ཆེས་དཀའོ།། དགེ་བའི་བཤེས་གཉེན་དང་འཕྲད་པ་ནི་ཆེས་དཀའོ།། སེམས་ཉིད་མཐོང་ནས་ལམ་ཉམས་སུ་ལེན་པ་ནི་ཆེས་དཀའོ།། སེམས་ཅན་གྱི་ཁམས་དབང་མོས་པ་དང་བསྟུན་ནས་སྒྲོལ་བར་བྱེད་པ་ནི་ཆེས་དཀའོ།། ཡུལ་རྣམས་མཐོང་ནས་དེ་ལ་སེམས་མི་གཡོ་བ་ནི་ཆེས་དཀའོ།། ཐབས་ལ་མཁས་པའི་ཚུལ་ལེགས་པར་ཤེས་པ་ནི་ཆེས་དཀའོ།། ཞེས་གསུངས་སོ།། 《四十二章经》云: 佛言:人有二十难。贫穷布施难,豪贵学道难,弃命必死难,得睹佛经难,生值佛世难,忍色忍欲难,见好不求难,被辱不嗔难,有势不临难,触事无心难,广学博究难,除灭我慢难,不轻未学难,心行平等难,不说是非难,会善知识难,见性学道难,随化度人难,睹境不动难,善解方便难。

🙏

རྗེ་བཙུན་ཏོལ་བོ་པས། བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་གྱུར་ཅིག། བསྟན་པ་གསལ་བར་མི་ནུས་ནའང༌། །བསྟན་པའི་ཁུར་ཆེན་འཁུར་བར་ཤོག །ཁུར་ཆེན་ཁུར་བར་མི་ནུས་ནའང༌། །བསྟན་པའི་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱིས་དོགས་པ་ཡི། །བྱ་ར་ཙམ་ཡང་བྱེད་པར་ཤོག །མཁའ་ཁྱབ་ཕ་མ་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །སྡུག་བསྔལ་སེལ་བར་མ་ནུས་ནའང༌། །དེ་ཡི་སྡུག་གྲོགས་བྱེད་པར་ཤོག །ཞེས་གསུངས། 多沃巴尊者: 愿我生生世,广弘如来法;纵不能弘法,愿担法大任;不能担大任,愿心系佛法,忧虑佛法衰,唯愿作护法。 愿我除天下,父母众生苦;纵不能除苦,亦作彼难友。
་རྗེ་ེབཙུན་ཏཱ་ར་ནཱ་ཐས། སྲིད་གསུམ་བདག་པོ་སྔར་ཡང་ལན་བརྒྱར་ཐོབ། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། །ངུར་སྨྲིག་ན་བཟས་ཉིན་གཅིག་སྒྲིབ་པ་སྦྱངས། །ཞེས་གསུངས། 多罗那他尊者: 曾得百次三界主,身着袈裟唯此世,仅穿僧衣净日障。

རོང་ཟོམ་་པཎ་ཆེན་གྱིས། ཆོས་སྤྱོད་རྣམ་བཅུ་ཤིང་ལེབ་ཀྱི་ངོས་ལྟར་གཅིག་ལ་གཅིག་སྒྲིབ་པར་གྱུར་པས། དེ་བས་ན་བསམ་གཏན་ལ་སྩོགས་པ་དོན་ཆེན་པོ་ལ་གནས་པ་རྣམས་ཀྱིས། ཡྀ་གེ་འདྲི་བ་ལ་སྩོགས་པ་དོན་ཆུང་ངུའྀ་ཆོས་སྤྱོད་མི་སྤྱད་དོ།། ཞེས་གསུངས། 荣索大班智达: 十种法行如同层层叠叠的板子一样彼此遮障。因此,安住禅定等大义者,不能行持缮写等小义之事。

རྗེ་མི་ལ་རས་པས། མདོར་ན་མི་རྟག་མ་དྲན་པའི།།དམ་ཆོས་ཅི་བྱེད་གྱི་ནར་གདའ།། ཞེས་གསུངས། 米拉日巴尊者: 若不观无常,修法皆枉然。

གཡུ་ཁོག་ཆོས་དབྱིངས་རང་གྲོལ་གྱིས། རང་གི་མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྤྱན་རས་གཟིགས་གསལ་བཏབ་ལ། སྤྱན་རས་གཟིགས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་རྒྱུ་མི་དགེ་བ་འབྲས་བུ་སྡུག་བསྔལ་ཐམས་ཅད་དག་ནས་སངས་རྒྱས་པར་བསམ། དེའི་ངང་ནས་མ་ཎི་བཟླས་ན་སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་སྨོན་ལམ་རྣམས་ཚང་གསུངས། 意科·秋阳让卓尊者: 我们在自己前方的虚空中,观想一切皈依处总集的本体——观世音菩萨,其身体发出无量光芒融入自他一切众生,以此清净了不善的恶因和痛苦的恶果,最终获得无上正等觉。如果在这样的境界中念诵六字真言“嗡玛尼贝美吽”,则已具足了皈依、发心、回向和发愿。

མི་ཚེ་ཐུང་ཐུང་འདི་ལ། འདི་ལྟ་བུའི་བླ་མ་དང་ཆོས་བཟང་པོར་འཕྲད་དུས། བྱང་ཆུབ་ཀྱི་སེམས་དང་རྫོགས་ཆེན་གང་རུང་ལ་གདེང་ཅུང་ཙམ་རེ་མ་ཐོབ་ན་ཧ་ཅང་ཕངས་བས་འདི་ལ་ངེས་པར་དུ་ནན་ཏན་དགོས་འུ་འདུག 在短暂的人生中,遇到如此殊胜的上师和正法,此时,在菩提心和大圆满方面若没有得到一点有把握的境界,则是最大的遗憾。我们对此应该值得精进。

ལྟོ་འགྲངས་ཉི་མས་དྲོ་དུས་ཆོས་པའི་གཟུགས། རྐྱེན་ངན་ཐོག་ཏུ་བབས་ཚེ་ཐ་མལ་པ། 不要在一帆风顺的时候,装成修行人;不要在遇到挫折的时候,变回普通人。
